ལོ་རིམ་དང་པོའི་སྟོད་ཆ། སློབ་ཚན་ཞེ་གཅིག སྔོན་འཇུག་འ། ༼སྔོན་འཇུག་སྦྱོར་ཚུལ།༽

  • བསྡུ་ཉར།
  • ལྟ་གཟིགས། 517
  • དཔྱད་བརྗོད། 0
  • བྱ་གཞུང་པད་དོན། རིམ་པ་དང་པོ།
དུས་ཡུན། 03:60
འཁྲབ་གཞུང་ངོ་སྤྲོད། ༄༅། །ཨམ་སྐད་ཀྱི་ཀློག་གི་རིམ་པ་དྲི་མེད་སྙིང་གི་ལེགས་སྐྱེས་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།   ཇི་སྐད་དུ་འཇམ་མགོན་མི་ཕམ་རིན་པོ་ཆེས། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། །དང་པོ་ཉིད་ནས་འདི་ལ་འབད་པ་གཅེས། །ཞེས་དང་། དེ་བཞིན། བསླབ་པའི་ཡོན་ཏན་གྲངས་མང་བསམ་ཡས་ཀྱང་། །འབྲི་ཀློག་གཉིས་ནི་ཡོན་ཏན་གཞི་མ་ཡིན། །ཞེས་གསུངས་པ་ལྟར། ཐོག་མར་ཡི་གེ་འབྲི་ཀློག་གཉིས་ལ་སློབ་པ་ནི་བློ་གསལ་རྣམས་ཤེས་བྱའི་རྒྱ་མཚོར་ཞུགས་པའི་འཇུག་ངོགས་ལྟ་བུར་གྱུར་ཡོད། དེ་ལ་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་འོས་འགན་སློབ་གསོའི་བོད་སྐད་ཡིག་གི་བསླབ་གཞི་ལས་དེབ་དང་པོ་དང་གཉིས་པ་ནི་འབྲི་ཀློག་གི་རིམ་པ་ཡིན་ཏེ། ཕྱི་ལོ༢༠༠༥ལོར་གསར་དུ་བསྐྲུན་པའི་བསླབ་གཞིའི་ཀློག་གི་རིམ་པ་ལ། མཚོ་སྔོན་ཞིང་ཆེན་རླུང་བརྙན་ཕྲིན་ཁང་གི་མདོ་འཛིན་པ་འགས་ཨ་མདོའི་སྐད་དུ་གསལ་དག་སྙན་གསུམ་འཛོམས་པའི་སྒྲ་བླངས་པ་རྨད་དུ་བྱུང་འདུག་མོད། ཕྱི་ལོ༢༠༡༩ལོར་པར་དུ་བསྐྲུན་པའི་བསླབ་གཞི་གསར་པ་འདིར། སྤྱིར་སློབ་ཚན་གྱི་སྔ་ཕྱིའི་བཀོད་སྒྲིག་སོགས་དང་། བྱེ་བྲག་ཏུ་ཐ་སྙད་གསར་པ་སོགས་སྔོན་མ་དང་བསྡུར་ན་འགྱུར་བ་གང་འཚམ་རེ་བྱུང་འདུག དེའི་ཕྱིར་བསླབ་གཞི་གསར་པ་ལྟར་གྱི་ཀློག་གི་རིམ་པ་ལ་ཡང་བསྐྱར་སྒྲ་ལེན་ཐུབ་ན་དགེ་མཚན་ཆེ་བར་མཐོང་སྟེ། གཅིག་ན་ད་ལྟ་ནི་ཆ་ཕྲིན་གྱི་དུས་རབས་ཡིན་པས་སྒྲ་བླངས་པ་རྣམས་དྲ་ལམ་ནས་ཉན་ཐུབ་ཚེ་གཞི་རིམ་གྱི་རོང་འབྲོག་མང་ཚོགས་དང་། གྲོང་ཁྱེར་གྱི་བོད་ཡིག་སྦྱོང་འདོད་ཡོད་པ་ཀུན་ལ་ཡང་ཕན་ཐོགས་ནུས་པས་ཡུལ་གྱི་སྒོ་ནས་ཁྱབ་ཆེ་བ་དང་། གཉིས་ན་ད་ལྟ་ནི་གཞི་གྲངས་མཛོད་འཛུགས་སྐྲུན་གྱི་དུས་རབས་ཏེ། ལས་རིམ་ཡོད་ཚད་གཞི་གྲངས་མཛོད་ལ་བརྟེན་ནས་ཉར་ཚགས་བྱེད་བཞིན་པའི་ཁོར་ཡུག་འདི་དང་འཚམ་པར། རང་སྐད་ཡིག་དང་སློབ་གསོའི་ཆ་ཕྲིན་སྣ་ཚོགས་ཀྱང་དྲ་ལམ་དུ་ཉར་ཚགས་དང་གསོག་འཇོག་བྱེད་ཐུབ་ཚེ་དུས་ཀྱི་སྒོ་ནས་རྒྱུན་རིང་པོར་གནས་ཐུབ་པས་སོ། །

500

དཔྱད་བརྗོད་སྟོང་བར་བསྐྱུར་མི་རུང་།
བཤེར་ཡིག་ནོར་འདུག
དཔྱད་བརྗོད་མི་འདུག